ཕྱི་ལོ་༢༠༢༢ ཟླ་ ༧ ཚེས་༢༠ སུད་སི། ཛུ་རིག་ནས། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་༨༧ པའི་དུས་ཆེན་དང་བསྟུན་འདི་ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་ལས་འཆར་གྱི་སློབ་ཡོན་བཞེས་མི་རྣམས་ལ་གནས་ཚུལ་སྤེལ།
སློབ་ཡོན་ལས་འཆར་འདི་བཞིན་ཕྱི་ལོ་ ༢༠༡༡ ལོར་དབུ་འཛུགས་ཞུས་པ་ནས་ད་བར་བོད་རིགས་སློབ་མ་༢༥༠ ལ་ཨ་སྒོར་ས་ཡ་༢་༥ ༼ ས་ཡ་གཉིས་དང་ཕྱེད་ཀ་༽ ཙམ་ཁ་གསབ་སློབ་ཡོན་དུ་ཕུལ་ཡོད། སློབ་ཡོན་འདི་དག་ནི་སློབ་མ་རང་རང་གི་བདམ་པའི་སློབ་ཚན་གང་ཡིན་ཐོག་རྩེ་ཕུད་སོན་པའི་སློབ་མ་རྣམས་ལ་འབུལ་བཞིན་ཡོད།
འདི་ལོར་འཛམ་གླིང་གང་ས་ནས་སྙན་ཞུ་འབུལ་མཁན་སློབ་མ་གྲངས་༧༥ བྱུང་བ་ནས་༤༥ འདེམས་སྒྲུག་ཚོགས་ཆུང་ནས་བདམས་ཐོན་བྱུང་བའི་ཁྲོད་དུ་ཨ་རི་དང་ཁེ་ན་ཌ། ཡོ་རོབ། ཨེ་ཤ་ཡ་བཅས་ཀྱི་ནང་ཆེས་མཐོའི་གཙུག་ལག་སློབ་ཁང་ཆེན་མོ་གྲགས་ཅན་ཁག་ཏུ་གཙུག་ལག་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པའི་སློབ་མ་ཚུད་པ་རྣམས་ཀྱིས་ཕྲ་སྲིན་སྐྱེ་ལྡན་རིག་པ། མཁའ་གྲུའི་འཕྲུལ་ལས་རིག་པ། མི་རིགས་རིག་པ། སྤྱི་ཚོགས་འཕྲོད་བསྟེན། ལག་བསྟར་ཨང་རྩིས། སྐྱེ་ལྡན་འཕྲུལ་ལས་རིག་པ། ནད་ཡམས་རིག་པ། ཁྲིམས་དང་སྨན། སྒྲ་སྙན་བཟོ་རིག་པ་བཅས་ལ་ཆེད་སྦྱོང་གནང་བཞིན་ཡོད།
ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་སློབ་ཡོན་འདི་བཞིན་༧གོང་ས་མཆོག་གི་མཚན་ཐོག་ནས་འབུལ་བཞིན་ཡོད་ལ། དགེ་རྩ་འདི་ཉིད་ཀྱང་༧གོང་ས་མཆོག་རང་ཉིད་ནས་དབུ་འཛུགས་གནང་ཞིང་མཐུན་སྦྱོར་གནང་བ་ཞིག་ཡིན། སློབ་ཡོན་གྱི་ལས་གཞིའི་དགོས་དམིགས་ནི། བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་རང་རང་གི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ལ་ཆེད་སྦྱོང་བྱེད་པ་བརྒྱུད་བོད་མིའི་ནུས་པའི་རྩ་བ་གོང་སྤེལ་གྱི་ཞབས་འདེགས་ཞུ་རྒྱུ་དང་། དེ་མཚུངས་འགྲོ་བ་མིའི་རིགས་དང་ཤེས་ཡོན་ལ་རམ་འདེགས་ཚུལ་མཐུན་བྱེད་ཐུབ་པའི་བརྒྱུད་ལམ་བསྐྲུན་རྒྱུ་བཅས་ཡིན།
ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་འདི་བཞིན་སྤྱི་ནོར་༧གོང་ས་སྐུ་ཕྲེང་༡༤ ཆེན་པོ་མཆོག་གིས་ཕྱག་བཏབ་པ་ཡིན་ལ། དགེ་རྩའི་དམིགས་ཡུལ་ནི། འགྲོ་བ་མིའི་རྩ་བའི་རིན་ཐང་གོང་སྤེལ་གཏོང་བ་དང་། ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་སྤེལ་བ། ཞི་བདེ། འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་པ་མ་ཟད། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་དང་བོད་མིར་རྒྱབ་སྐྱོར་ཞུ་རྒྱུ་ཙམ་མིན་པར་རྒྱལ་ཁབ་དང་ཆོས་ལུགས། རིགས་བརྒྱུད་བཅས་ཀྱི་རིས་སུ་མ་བཅད་པར་མི་རིགས་གཞན་ལའང་མཐུན་འགྱུར་ཞུ་བཞིན་པ་བཅས།།
དགེ་རྩ་འདི་བཞིན་ཛཱུརིག་མངའ་ཁོངས་ཁྲལ་ཆག་ཡང་ཡོད་པ་ཞིག་ཡིན་པ་ལས་ཚོང་དོན་དང་ཁེ་འབབ་ཀྱི་དོན་དུ་གཉེར་བ་ཞིག་མ་ཡིན། དགེ་རྩའི་དཔལ་འབྱོར་གྱི་རྒྱབ་རྟེན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མི་མང་གི་ཞལ་འདེབས་ཡིན་པ་དང། དགེ་རྩའི་ལས་དོན་སྟངས་འཛིན་གནང་མཁན་གཙོ་བོ་ནི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའམ་དགེ་རྩ་དབུ་འཛུགས་གནང་མཁན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་འདི་བཞིན་རྒྱལ་སྤྱིའི་མིང་དོན་མཚུངས་པའི་དགེ་རྩ་ཞིག་ཡིན་སྟབས། དགེ་རྩ་འདི་སུད་སི་གཞུང་ནང་སྲིད་ལས་ཁུངས་ཀྱི་ལྟ་རྟོག་སྐུལ་བྱུས་འོག་ཡོད།
— PDF Version
སློབ་ཡོན།
གསར་འགོད་གསལ་བསྒྲགས། ཕྱི་ལོ་ ༢༠༢༢ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན།